Friday, December 27, 2013

ཕ་མ་ལུ་དྲིན་ལནའཇལ་དགོཔ་ཁག་ཆེ་ སེམས་ཁར་བཞག




༉ ད་རེས་འབྲུག་རྒྱལ་ཁབ་ཀྱི་མ་ཚད་པར་ འཛམ་བུ་གླིང་ནང་ལུ་བཞུགས་ཡོད་པའི་དྲིན་ཅན་གྱི་ཕམ་ག་ར་ལུ་ཨྱོན་རྡེོ་ངེ་གི་ཁ་ཐུག་ལས་སེམས་ཀྱི་ལྡིང་ལས་རང་ གུས་ཞབས་དང་བཅས་པའི་སྒོ་ལས་སྐུ་གཟུགས་བཟང་པོ་ཟེར་ཞུ་ནི་ལགས། ད་ཕམ་ཟེར་མི་འདི་ག་དེམ་ཅིག་ཁག་ཆེ་བའི་ན་ ག་དེམ་ཅིག་དྲིན་ཅན་ཨིན་ན་ ག་དེམ་ཅིག་ཁུང་དང་དགོས་པ་ཡོདཔ་ཨིན་ན་ ག་ར་ངེ་གི་མཉམ་རོགས་ཡོངས་ཀྱི་གདོང་བལྟ་བའི་མེ་ལོང་ལས་ཡང་སེལབ་སྦེ་ཞུ་ཚརའི་ཟེར་ཞུ་ནི། འདི་ཚུ་ལུ་ངེ་གི་ཁ་ཐུག་ལས་ངལ་རང་དང་བཅས་པའི་སྒོ་ལས་བཀྲིས་བདེ་ལེགས་ཡོད་ཟེར་ཞུ་ནི། ད་ང་བཅས་ར་ཕམ་ཟེརབ་ད་སྐྱེ་བའི་ཕམ་དང་ གསོ་བའི་ཕམ་རྐྱངམ་ཅིག་གི་མ་དོ་བར་ གསོ་ཆ་འབུབ་གྱོག་མོ་ལས་འགོ་བཙུགས་ག་ར་དྲིན་ཅན་གྱི་ཕམ་ཨིནམ་ཁྱེན་དགོ་ཟེར་ཞུ་ནི། མཁྱེནམ་ཙམ་གི་མི་བཏུབ་ འཇིག་རྟེན་པའི་དཔྱེ་གཏམ་ལས་ཡང་ ཕ་བླ་མའི་ཞབས་ཏོག་དང་ དྲིན་ཕ་མའི་དྲིན་ལན་ཟེར་དོ་བཟུམ་སྦེ་ ལུས་ངག་ཡིད་གསུམ་གི་སྒོ་ལས་ཞབས་ཏོག་ཞུ་ནི་གི་འགན་ཁུར་འདི་ཨིན་ཅི་མེན་ཅི་ང་བཅས་བུགཞི་ཚུ་ལུ་ཕོགཔ་ཨིན་ཟེར་ཞུ་ནི་ཨིན། ལུས་གུས་པའི་སྒོ་ལས་ ཞབས་ཏོག་ག་དེ་སྦེ་ཞུ་ནི་ཟེར་བ་ཅིན་ ཕམ་འདི་ཚུ་དགུང་ལོ་རྒས་པའི་སྒང་ལས་ ཡར་ལོང་རུ་ལོང་མ་ཚུགས་ མར་སྡོད་རུང་སྡོད་མ་ཚུགསཔ་འགྱོབ་ཨིན་ཟེར་ཞུ་ནི་ དེ་གི་སྐབས་ ང་བཅས་བུ་གཞི་ཚུ་གིས་ ལག་པར་བཤེད་ ཡར་ལོང་མི་ལོང་རོགས་དང་ མར་སྡོད་པའི་སྡོད་རོགས་འབད་དགོཔ་མ་ཚད་ གཟུགས་ཚུ་ཡང་ཆུ་འཁྱུ་ རྨ་ཚུ་འཐོན་མ་བཅུགས་པར་ ཧེ་མ་ཁོང་གི་རང་ལུ་འབད་དོ་བཟུམ་སྦེ་ར་ རྒས་གཡོག་རྒྱུག་མི་ལུ་ ལུས་ཀྱི་ཞབས་ཏོག་ཟེར་ཞུབ་ཨིན། ད་ ངག་གི་ཞབས་ཏོག་ཞུ་ཐང་འདི་ ཕམ་ཚུ་གི་ག་ཅི་རང་གསུང་རུ་ ལགས་ ལགས་སོ་ཟེར་ཚིག་ཧན་ཏོང་ཏོ་གི་སྒོ་ལས་ དྲོ་པ་ལོངམ་ད་ ད་རིས་ག་དེ་སྦེ་ཡོད་ཟེར་ སྐུ་གཟུགས་བདེ་བས་ག་? བཞེས་སྒོ་ག་དེ་སྦེ་བཞེས་གོ་མནོབ་མས་གོ་ ཕྱི་ཁར་ལས་ཕར་ཁམས་སངས་འགྱོ་དགོ་མནོབ་མས་ག་ཟེར་ ཚིག་ཧན་པའི་སྒོ་ལས་ཞུ་མི་འདི་ལུ་ ངག་གི་ཞབས་ཏོག་ཟེར་སླབ་ཨིན། ཡིད་ཀྱི་ཞབས་ཏོག་ཟེར་མི་འདི་ ག་དེ་སྦེ་ཞུ་དགོཔ་སྨོ་ཟེར་བ་ཅིན། སེམས་ཀྱི་ལྡིང་ལས་རང་ ཨའེ་སྨོ་ ངེ་གི་ཕམ་གཉིས་ཀྱི་ དེ་བསྒང་ང་རང་ རྐང་ཐང་འདྲོངས་ཏེ་མི་གྲལ་ བཙུགས་ཚུགས་ཚུ་དཀའཝ་སྦོམ་སྤྱད་ཅི་ ད་རེས་འདི་ཚུ་མནོ་བསམ་ཅིག་གཏང་ལྟ་བ་ཅིན་ ད་རེས་ང་གི་ཁོང་ལུ་འབད་མི་འདི་ག་ནི་ཡང་མེན་པས་ དོ་རུ་ང་གི་ན་ལས་ཕར་ ཞབས་ཏོག་དེ་བ་དྲགཔ་སྦེ་ཞུ་ནི་ཟེར་མནོ་བསམ་གཏང་མི་འདི་ལུ་ ཡིད་ཀྱི་ཞབས་ཏོག་ཟེར་སླབ་ཨིན། ད་གོང་ལུ་ཞུ་དོ་བཟུམ་སྦེ་ ལུས་ངག་ཡིད་གསུམ་གུས་པའི་སྒོ་ལས་ཕམ་ལུ་ཞབས་ཏོག་ཞུ་བ་ཅིན་ ཕམ་ཚུ་སེམས་དགའ་ ཕམ་འདི་ཚུ་སེམས་དགའ་བའི་འབྲས་བུ་འདི་


 ང་བཅས་བུ་གཞི་ཚུ་བསོད་ནམས་བསགསཔ་མ་ཚད་ ལཱ་ག་ཅི་ར་འབད་རུང་ དཔེར་ན་ ཆུའི་བརྒྱུན་བཟུམ་སྦེ་ཐོགས་ཆ་མེད་པར་འགྱོབ་ཨིན་ཟེར་ཞུ་ནི། འདི་སྦེ་ནི་འདི་གི་ གསོ་ཆ་འབུབ་གྱོག་མོ་མན་ཆད་ལས་ འགོ་བཙུག་ཕམ་མ་བརྟེན་མི་ག་ཡང་མེད་ ཕམ་བརྟེན་མི་ཡོངས་ཀྱི་ ང་གི་གོང་ལུ་ཞུ་དོ་བཟུམ་སྦེ་ མཛདཔ་འདྲབ་ཅི་འབད་བ་ཅིན་ རྒྱལ་ཡོངས་དགའ་བསྐྱིད་དཔལ་འཛོམས་ཀྱི་བལྟ་བ་འདི་ རང་བཞིན་གྱི་ལྷུན་གྱི་གྲུབ་འོངམ་ཨིན་ཟེར་ཞུ་ནི་ཨིན། བཀྲིན་ཆེ། ཨྱོན་རྡེོ་ ཨུ་མཔ།།

1 comment:

  1. དོན་ཚན་ཨོ་ཏོག་ཏོ་ཡོད་རུང་ ཚིག་གོང་འོག་དང་ ཡིག་སྡེབ་ནོར་བ་དུམ་གྲ་རེ་འདུག་ ལེགས་བཅོས་མཛད་གནང་ཟེར་གསོལ་འདེབས་སྦེ་ཞུཝ་ཨིན།

    ReplyDelete