Friday, December 27, 2013



༉ ཕ་བླ་མའི་གདན་ས་ལྕགས་རི་རྫོང་།། བུ་ཆོས་ལྡན་བཞུགས་པ་བཀྲ་ཤིས་རྫོང་།། བླམ་ཞབས་དྲུང་བཞེངས་པ་སེམས་རྟོགས་རྫོང་།། དགུང་ཞག་གཟིམ་ས་འཕྲིན་ལས་སྒང་།། ངེ་འབྲུག་པའི་སྤུང་ན་བདེ་ཆེན་འདི།། ཡར་སྟེངས་་ཕྱོགས་ལྷ་ལས་གནང་གནངམ།། མར་འོག་ཕྱོགས་ཀླུ་ལས་ཕུལ་ཕུལཝ།། ནང་བར་ཕྱོགས་བཙན་ལས་འཁྲུངས་འཁྲུངམ།། གཡས་ཚེ་རིང་ལྷ་མོའི་བཞུགས་ཁང་།། གཡོན་དཔལ་ལྡན་ལྷ་མོའི་དགོན་ཁང་།། རྒྱབ་སངས་རྒྱས་སྟོང་གི་ལྷ་ཁང་།། ཆུ་ཕོ་ཆུ་སྤྲིན་དེ་འགྱུར་ས།། ཆུ་མོ་ཆུ་འབྲུག་དེ་ལྡིར་ས།། སྟོད་བོད་མི་མཐའ་མར་བརྡལ་ས།། སྨད་རྒྱ་ཐང་མན་ཌལ་ཕུལ་ས།། འབྲུག་ཆོས་སྲིད་འཁོར་ལོ་འརྒྱུར་ས་ཨིན།། དགུང་ཉིན་ཟླ་གཞའ་གིས་སྤུབ་པའི་འོག། ཆོས་ཕྱག་ཆེན་ཆོས་དྲུག་གནང་ས།། ཁོང་བསྐལ་ལྡན་བླ་མའི་ལྡན་ས།། གནས་གཞན་ཁར་ལོ་བརྒྱ་སྡོདཔ་ལས།། ནང་འབྲུག་པའི་སྤུང་ན་བདེ་ཆེན་ལུ།། ཞག་གཅིག་སྡོད་རུ་སྐྱེ་བ་བཟང་།། དུས་གཏན་ཀྱང་བཞུག་པའི་བླ་མ།། སངས་རྒྱས་དངོས་ཀྱི་རྣམ་སྤྲུལ།། སྐྱབས་རྗེ་གི་འཇིག་མེད་ཆོས་གྲགས་མཆོག། མ་འོངས་པའི་དངོས་ཤེས་གཟིགས་འདི་གི།། འབྲུག་ཆོས་དང་ལྡན་པའི་ལམ་སྲོལ་གཅིག། དོན་གོ་བ་འཕྲོད་པའི་ཁ་སྐད་གཉིས།། མ་ཉམས་པར་ཡར་རྒྱས་གཏང་འཐབ་ལུ།། ཞལ་བཀོད་ཀྱི་ལས་བཏོན་གཡས་ལས་གནང་།། མ་དངུལ་གྱི་རྒྱབ་སྐྱོར་གཡོན་ལས་གནང་།། རྒྱབ་སྐྱབས་རྗེ་མཆོག་གིས་བཟུང་འདི་གི། ལོ་ན་ཧིང་བྱམས་དང་སྙིང་རྗེའི་ཉིནམ།། ལོ་དུས་ཅི་དྲིན་ཅན་ཕ་མའི་ཉིནམ།། བརྩི་སྲུང་གི་རིམ་པ་གནང་མི་ལུ།། བུ་ཁོག་པའི་ཧིང་ལས་སྐྱབས་སུ་འཆི།། ཨྱོན་རྡོེ་ ཨུ་མཔ་ བཀྲ་ཤིས་བདེ་ལེགས།།

1 comment:

  1. སློབ་དཔོན་ཁྱོད་རའི་རང་རྩལ་གྱི་རྩོམ་ཅིག་འབད་ནི་འདི་གིས་ ངལ་རངས་ཡོད། ཨིན་རུང་ ཡིག་སྡེབ་དང་ཚིག་སྦྱོར་དུམ་གྲ་དག་བཅོས་གནང་དགོཔ་འདུག

    ReplyDelete